ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ཐད་འཛིན་པའི་སྲིད་བྱུས་ལ་སྲིད་སྐྱོང་མཆོག་གིས་སྐྱོན་བརྗོད།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་གི་ཐད་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་ཆེད་རྩོམ་ཞིག་ཕྱི་ཟླ་༨པའི་ཚེས་༨ཉིན་སྤེལ་གནང་ཡོད་པ་དེ་ལ་ དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཀྲང་རོང་གིས་ཕྱི་ཟླ་༩པའི་ཚེས་༣ཉིན་དགག་པ་བརྒྱབས་ཡོད་ཅིང་ སྲིད་སྐྱོང་མཆོག་གི་རྩོམ་ཡིག་དེའི་ནང་ རྒྱ་ནག་གཞུང་གིས་བོད་དུ་འཛུགས་སྐྲུན་ཡར་རྒྱས་ལས་གཞི་འདྲ་མིན་ལ་སྙེད་ནས་རང་བྱུང་གཏེར་ཁ་གང་བྱུང་སྔོག་འདོན་བྱས་པ་དང་། གྲོང་གསེབ་ཁག་གཅིག་གྲོང་ཁྱེར་དུ་འགྱུར་རྒྱུའི་ལས་གཞི་ཟེར་བའི་སྲིད་བྱུས་འོག་རྒྱ་རིགས་མི་འབོར་ཧ་ཅང་མང་པོ་བོད་ནང་སྤོ་བཤུད་བྱེད་བཞིན་པ། དེ་བཞིན་བོད་ཀྱི་གཙང་པོ་ཆེ་ཁག་ལ་ཆུ་རགས་གང་བྱུང་བརྒྱབ་པ་སོགས་ལ་ཚོད་འཛིན་མ་བྱས་ཚེ་ བོད་ཙམ་མ་ཟད། འཛམ་གླིང་སྤྱི་དང་ ལྷག་པར་ཨེ་ཤི་ཡའི་ཁྱོན་དུ་ཁོར་ཡུག་དང་འབྲེལ་བའི་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ངེས་ཡིན་ཞེས་ཉེན་བརྡ་བཏང་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས།

XS
SM
MD
LG