ངོ་འཕྲད་བདེ་བའི་དྲ་འབྲེལ།

ནང་ཆོས་ཀྱི་ལྟ་སྒྲུབ་ལ་སློབ་སྦྱོང་བྱ་རྒྱུ་དེ་སྐྱ་སེར་ཕོ་མོ་གཉིས་ཀས་བྱེད་ཆོག་པ་ཞིག་ཡིན་ཞེས་བཀའ་སྩལ་ཡོད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ཟླ་༩པའི་ཚེས་༥ལྔའི་ཉིན། བཞུགས་སྒར་དུ་སྐུའི་ཕོ་བྲང་ནང་། གདན་ས་ཁག་གི་དགེ་བཤེས་དང་མཁན་པོ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་། ལམ་སྟོན་བཀའ་སློབ་བཀྲིན་ཆེ་གནང་མཛད་དེ། དེང་སྐབས་འཛམ་གླིང་འདིར་སེམས་ཀྱི་ཞི་བདེས་ཕོངས་པའི་དཀའ་ངལ་མང་དག་ཅིག་ཡོད་པ་དེ་དག་སེལ་རྒྱུར། བོད་པ་ཚོར་དམིགས་བསལ་གྱི་ཆ་རྐྱེན་དང་ནུས་པ་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། རང་ཅག་བོད་མི་རྣམས་ཀྱིས་རྩ་ཆེའི་དཔལ་ནཱ་ལེནྜའི་ཆོས་རྒྱུད་དྲི་མ་མེད་པ་དེ་ལོ་ངོ་སྟོང་ཕྲག་གི་རིང་ལ་ཉར་ཚགས་བྱེད་ཐུབ་ཡོད་པ་དེ། དེང་དུས་ཀྱི་འཛམ་གླིང་འདིའི་ནང་དགོས་མཁོ་ཆེན་པོ་ཞིག་ཏུའང་གྱུར་ཡོད་པས། དེ་དོན་གདན་ས་ཁག་གི་མཁན་བླ་རྣམས་ཀྱིས་དབུས་པས། ནང་ཆོས་སློབ་འཁྲིད་ཀྱི་ཐད་ལ་འགན་འཁུར་བཞེས་མཁན་ཡོངས་ནས་ བོད་མི་སྐྱ་སེར་ཕོ་མོ་གཉིས་ཀར་ནང་ཆོས་སློབ་འཁྲིད་བྱས་ཏེ། སྤྱི་ཚོགས་རང་གི་ནང་ལ་ནང་ཆོས་ཀྱི་ཤེས་ཚད་གོང་འཐོར་གཏོང་དགོས་པ་མ་ཟད། དེ་མིན་ད་དུང་རྒྱ་གར་དང་། རྒྱ་ནག་བཅས་ཀྱི་ནང་ནས་ནང་ཆོས་ལ་དོ་སྣང་ཅན་མང་པོ་ཡོང་གི་ཡོད་པ་དེ་ཚོར་ཡང་སློབ་འཁྲིད་བྱེད་ཐུབ་པ་ཡིན་ན། གཞན་ཕན་རླབས་པོ་ཆེ་སྒྲུབ་ཐུབ་པའི་གོ་སྐབས་ཡོད་ཅེས་ལམ་སྟོན་བཀའ་སློབ་ཟབ་མོ་སྩལ་ཡོད་པའི་སྐོར་་དཔལ་མོ་མཁས་གྲུབ་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG