ངོ་འཕྲད་བདེ་བའི་དྲ་འབྲེལ།

རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་དང་བལ་ཡུལ་གྱི་དབར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་ལས་གཞི་དེ་ཉིད་མདུན་སྐྱོད་བྱ་རྒྱུར་གྲོས་མཐུན་བྱུང་འདུག་ཅིང་། རྒྱ་ནག་ཕྱོགས་ནས་གནད་དོན་དེའི་རྐྱེན་པས་རྒྱ་གར་དང་འཁོན་འཛིན་རིགས་མི་འབྱུང་བ་བྱ་རྒྱུའི་འགན་ལེན་བྱས་འདུག བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཀྲིཤ་ན་བྷ་ཧ་དྷུར་མ་ཧ་ར་ལ་པེ་ཅིང་དུ་ཐུག་འཕྲད་ཟིན་ཏེ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་གསར་འགོད་པ་ཚོར་བལ་ཡུལ་ནི་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་མཐུད་མཚམས་ཟམ་པ་ལྟ་བུ་ཞིག་ལ་འགྱུར་ཐུབ་པའི་རེ་བ་འཆང་ཡོད། རྒྱ་ནག་དང་རྒྱ་གར་གཉིས་ཀྱིས་ད་ལྟའི་འབྲེལ་བ་ཚུགས་ཡོད་པ་རྣམས་འཕྲུ་སློག་བཏང་ནས་གང་ཐད་དུ་སྟངས་འཛིན་མི་ཐུབ་པའི་དཀའ་ངལ་ནང་དུ་མ་ཚུད་པ་བྱ་དགོས་ཞེས་འགྲེལ་བརྗོད་བྱས་འདུག

XS
SM
MD
LG