ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྱང་ཀོ་རི་ཡ་དང་རྒྱ་ནག


བྱང་ཀོ་རི་ཡའི་གཞུང་གིས་རང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་དང་། ཨ་མི་རི་ཀས་གནོན་ཤུགས་ཅི་ཙམ་སྤྲད་ཀྱང་དེ་ལ་སྔར་ལས་ལྷག་པའི་རྒོལ་ལན་སློག་རྒྱུ་ཡིན། ཨ་མི་རི་ཀས་དམག་འཁྲུག་སློང་རྒྱུའི་ཀུན་སློང་བཅངས་ནས་བྱང་ཀོ་རི་ཡར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་གཅོད་པ་དང་གནོན་ཤུགས་སྤྲོད་བཞིན་ཡོད། ང་ཚོས་ཨ་མི་རི་ཀའི་ཀླ་ཀློའི་སྤྱོད་ཚུལ་ལ་ལན་པ་དྲག་པོ་སློག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག ཨ་མི་རི་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་བྱང་ཀོ་རི་ཡར་རྡོ་སྣུམ་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་བྱ་དགོས་པ་དང་། བྱང་ཀོ་རི་ཡས་རས་ཆ་ཕྱིར་ཚོང་བྱེད་ཀྱི་ཡོད་པའང་འགོག་དགོས། བྱང་ཀོ་རི་ཡའི་ལས་མི་ཁྲི་ཚོ་མང་པོ་ཕྱི་རྒྱལ་ལ་ངལ་རྩོལ་རྒྱུག་ཏུ་འགྲོ་བཞིན་ཡོད་པ་རྣམས་འགོག་དགོས་པ་དང་། ཀིམ་ཇུང་ཨུན་སོགས་བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་ཚོ་ཕྱི་རྒྱལ་ལ་འགྲོ་སྐྱོད་བྱེད་མི་ཆོག་པའི་འགྲིམ་འགྲུལ་བཀག་སྡོམ་བྱ་དགོས་པའི་གྲོས་ཆོད་འཇོག་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG