ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡས་ཉི་ཧོང་གི་མཁའ་དབྱིངས་བརྒྱུད་ནས་ཞི་བདེའི་རྒྱ་མཚོའི་ནང་དུ་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱས་ཏེ། ཕྱི་ཚེས་༢༩་ཉིན་ཉི་ཧོང་གི་བྱང་ཕྱོགས་སུ་ཆགས་པའི་ཧོ་ཁེ་དྷོ་གླིང་ཕྲན་ལ་སྔོན་ཆད་བྱུང་མྱོང་མེད་པའི་བདེ་འཇགས་ཀྱི་ཉེན་ཀ་ཞིག་བྱུང་བ་དང་། ཨ་མི་རི་ཀའི་གཞུང་གིས་མ་འོངས་པར་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དེ་རྣམས་བར་སྣང་ཁམས་སུ་གཏོར་དགོས་མིན་གྱི་བསམ་གཞིག་བྱེད་ཀྱི་ཡོད་ཅིང་། ཨ་མི་རི་ཀའི་འགོག་སྲུང་འཕུར་མདེལ་གྱིས་བྱང་ཀོ་རི་ཡའི་འཕུར་མདེལ་རྣམས་བར་སྣང་ཁམས་སུ་གཡོ་གཟུར་མེད་པར་བརྒྱ་ཆ་བརྒྱ་ཐམ་པ་གཏོར་ཐུབ་པའི་ངེས་གཏན་མེད་པ་དང་། བྱང་ཀོ་རི་ཡས་ཉི་ཧོང་དམིགས་འབེན་ལ་བཟུང་ནས་མེ་ཤུགས་འཕུར་མདེལ་བརྒྱབ་མེད་པས། ཁོ་ཚོས་ཨ་མི་རི་ཀར་རྒོན་ལན་སློག་པར་ལྷོ་ཀོ་རི་ཡ་དང་ཉི་ཧོང་ལ་གཏོར་རྒོལ་བྱ་སྲིད་པའི་ཉེན་ཀ་ཆེན་པོ་ཡོད་པ་རེད།།

XS
SM
MD
LG