ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གཞུང་གི་དྲ་རྒྱར་དམ་དྲག་གསར་པ།


རྒྱ་ནག་གཞུང་གི་དྲ་རྒྱའི་དོ་དམ་ལས་ཁུངས་ཀྱིས་དྲ་རྒྱ་བེད་སྤྱོད་པ་ཚོས་གནས་ཚུལ་འགོད་པ་དང་གནད་དོན་ཞིག་གི་ཐོག་ལ་བསམ་ཚུལ་འཇོག་པ་སོགས་ཀྱི་སྐབས་སུ་ངེས་པར་དུ་མིང་ངོ་མ་འབྲི་དགོས་པའི་ཁྲིམས་གཞི་ཞིག་གཏན་འབེབས་བྱས་ནས་ཕྱི་ཟླ་༡༠པའི་ཚེས་༡ནས་ལག་ལེན་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་ རྒྱ་ནག་གཞུང་གི་ཁྲིམས་གཞི་དེས་དྲ་རྒྱའི་ཐོག་ལ་གནས་ཚུལ་འགོད་མཁན་དང་བསམ་ཚུལ་འཇོག་མཁན་ཚོས་ངོ་ཐག་མི་ཆོད་པའི་ཐོག་ནས་བྱེད་ཐབས་མེད་པ་ཞིག་ཆགས་རྒྱུ་དང་དྲ་རྒྱ་བེད་སྤྱོད་པ་ཚོའི་ཁོར་ཡུག་ཆུང་ངུ་འགྲོ་རྒྱུ་དང་གཏམ་བརྗོད་རང་དབང་ལ་སྔར་བས་ཚོད་འཛིན་ཆེ་རུ་འགྲོ་རྒྱུ་ཅེས་དྲ་རྒྱ་བེད་སྤྱོད་པ་དང་ཡུལ་མིའི་རང་དབང་ཐོབ་ཐང་སྲུང་སྐྱོབ་པ་ཚོས་སྐྱོན་བརྗོད་ཞུ་ཡི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG