ངོ་འཕྲད་བདེ་བའི་དྲ་འབྲེལ།

དེང་སྐབས་རྒྱ་གར་དང་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས། དམག་དོན་དང་ཕྱི་འབྲེལ་བཅས་པ་ཡར་རྒྱས་འགྲོ་བཞིན་ཡོད་ཅིང་། ལྷག་པར་དུ་རྒྱ་ནག་གི་སྟོབས་འབྱོར་ལ་ཁ་གཏད་གཅོག་པར་ཨ་མི་རི་ཀ་དང་རྒྱ་གར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་སྔར་ལས་གནད་འགག་ཆེ་རུ་འགྲོ་བཞིན་ཡོད་རུང་། ད་ལོའི་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ཌོ་ནལ་ཊོམ་གྱིས་སྲིད་དབང་བཟུང་ནས་བཟུང་། ད་དུང་ཡང་རྒྱ་གར་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པ་བསྐོ་བཞག་བྱས་མེད་པ་དང་། ཁ་སྔོན་ཕྱི་ཟླ་༦་ནང་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ལོ་ན་༦༢་ལ་སོན་པའི་དཔལ་འབྱོར་རིག་པའི་མཁས་པ། ཁེ་ཎི་ཐེ་ཇཱ་སི་ཊར་རྒྱ་གར་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པར་བསྐོ་བཞག་བྱ་འཆར་ཡོད་ཅེས་ཁྱབ་བསྒྲགས་བྱས་ནས་ཟླ་བ་གཉིས་ལྷག་སོང་མོད། ཡིན་ནའང་ལྡི་ལི་གསར་པར་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པའི་ས་མིག་སྟོང་པར་ལུས་ཡོད་པ་དང་། དེར་བརྟེན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་གར་པའི་མཐུན་ཚོགས་ཀྱི་འཐུས་མི་ཞིག་གིས་སྲིད་འཛིན་ཌོ་ནལ་ཊོམ་ལ་རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་མྱུར་དུ་བསྐོ་བཞག་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG