ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྷན་ཚོགས་ལ་ཚོགས་ཞུགས་གནང་བའི་རེ་བ།


ཨ་ཕྷི་རི་ཀའི་རྒྱལ་ཁབ་བྷོཌ་སི་ཝ་ནཱའི་སྲིད་འཛིན་གྱིས་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ཡུལ་དེར་གདན་འདྲེན་ཡང་བསྐྱར་ཞུ་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་འདུག་ དེ་ཡང་ སྲིད་འཛིན་ཨི་ཡན་ཁ་མ་ཡིས་ཉིན་ཤས་གོང་གསར་འགོད་པར་གཏམ་བཤད་ཅིག་གནང་བའི་ནང་ སྨན་པའི་ལམ་སྟོན་གནང་བ་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་ཆིབས་བསྒྱུར་ཕྱིར་བཤོལ་གནང་དགོས་བྱུང་ཡོད་ནའང་ མགོན་པོ་མཆོག་སྐུ་ཁམས་གང་མྱུར་དྭངས་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད་ སྐུ་ཁམས་དྭངས་སྐྱེད་བྱུང་མཚམས་སུ་འདི་གར་ངས་ནོ་ཝལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་འཆར་ཡོད་པ་དེ་སྐབས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས།

XS
SM
MD
LG