ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་བྱང་ཤར་མངའ་སྡེ་ནུབ་བངྒ་ལའི་ཁུལ་གྱི་བལ་པོའི་མི་རིགས་ཀྱིས་གོར་ཁ་ཡུལ་ཞེས་པ་མངའ་སྡེ་ལོགས་སུ་དགོས་པའི་རེ་འདུན་བཏོན་ནས་ཟླ་བ་གཉིས་ལྷག་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་པ་དང་། ངོ་རྒོལ་བས་དེའི་ཁུལ་དུ་སློབ་གྲྭ་ཡང་འཚོགས་འཇུག་མེད་པ་རེད། མངའ་སྡེ་དེའི་ནང་གི་བོད་པའི་སློབ་གྲྭ་ཚོའི་འཛིན་རིམ་༡༢ཀྱི་སློབ་མ་ཚོས་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོ་གཏོང་ཐུབ་པའི་ཆེད་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སློབ་མ་ཚོ་སློབ་གྲྭ་གཞན་དུ་བཏང་གནང་ཡོད་པའི་སྐོར་དང་བོད་པ་སྟོང་ཚོ་བཙན་བྱོལ་ལ་ཡོད་ས་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ནུབ་བངྒ་ལའི་ད་ལྟའི་གནས་སྟངས་ལ་སོགས་ཀྱི་ཐད་འཕྲིན་ལས་ཆོས་སྒྲོན་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་བསྐལ་བཟང་མགོན་པོ་ལགས་དང་ཀ་ལོན་སྦུག་གི་བོད་པའི་གཏན་སློབ་ཀྱི་འགན་འཛིན་བསྐལ་བཟང་ཟླ་བ་ལགས་སུ་གནས་འདྲི་ཞུས་པ་ཞིག་གསར་རོགས་གནང་།

XS
SM
MD
LG