ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་ནང་ས་རུད་འོག་འཆི་སྐྱོན་བྱུང་བའི་ནང་མིར་ཐུགས་གསོ་གནང་འདུག


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བྷིར་བྷ་ཌྲ་ སིང་ལ་ཐུགས་གསོའི་ཕྱག་བྲིས་ཤིག་གནང་བའི་ནང་རེས་གཟའ་སྤེན་པའི་མཚན་མོར་རྒྱ་གར་བྱང་ཕྱོགས་མངའ་སྡེའི་པ་ཐན་ཀོཊ་ནས་མན་ཌི་བར་གྱི་གཞུང་ལམ་ཐོག་ས་རུད་འོག་སྤྱི་སྤྱོད་རླངས་འཁོར་གཉིས་ས་རུད་འོག་ཤོར་ནས་མི་གྲངས་མང་པོའི་ཚེ་སྲོག་ཤོར་བ་དང་གཞན་ཁག་གཅིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་པའི་གནས་ཚུལ་གསན་པར་ཐུགས་ཕམ་ཤིན་ཏུ་ཆེན་པོ་བྱུང་བ་དང་། གོད་ཆག་དེའི་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་དང་དཀའ་སྡུག་མྱོང་བཞིན་པའི་མི་མང་ཚོར་མགོན་པོ་མཆོག་གིས་ཐུགས་གསོ་གནང་གི་ཡོད་ཅེས་གསུངས་འདུག རྒྱ་གར་དང་བལ་ཡུལ། བྷངྒ་ལ་དེཤ་བཅས་ཀྱི་ནང་་ད་ལོ་ཆར་ཤོད་ཆེན་པོ་བྱུང་ནས་ཆུ་ལོག་དང་ས་རུད་ཀྱི་དཀའ་ངལ་ནང་མི་གྲངས་ ༢༥༠ ཙམ་ལ་སྲོག་སྐྱོན་བྱུང་ཡོད་པ་རེད།

XS
SM
MD
LG