ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་སྲོལ་རྒྱུན་སློབ་གཉེར་བྱེད་སྟངས་ཉམ་རྒུད་མུ་མཐུད་ནས་འགྲོ་གི་ཡོད་པ་འཐེར་འདོན།


ཨ་མི་རི་ཀའི་ཕྱི་སྲིད་ཁང་གིས་ལོ་ལྟར་འཛམ་གླིང་རྒྱལ་ཁབ་ཁག་གི་ཆོས་དད་རང་དབང་གི་གནས་སྟངས་ཐད་ཞིབ་འཇུག་གནང་སྟེ་སྙན་ཐོ་འདོན་གྱི་ཡོད་ཅིང་ ཕྱི་ལོ་༢༠༡༦ལོར་ཞིབ་འཇུག་གནང་བའི་སྙན་ཐོ་དེ་བཞིན་ ཕྱི་ཟླ་༨པའི་ཚེས་༡༥ རེས་གཟའ་མིག་དམར་ཉིན་ཡོངས་ཁྱབ་འགྲེམས་སྤེལ་གནང་ཡོད་པ་དེའི་ནང་ བོད་ཀྱི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ཟུར་དུ་བཀོད་དེ་ རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་དང་བཀག་སྡོམ་བྱེད་པའི་ཐབས་བྱུས་འདྲ་མིན་སྣ་ཚོགས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ནི་སྔར་བས་ཇེ་ཞེན་ཇེ་སྡུག་ཏུ་ཕྱིན་ཡོད་པ་འཐེར་འདོན་གནང་ཡོད་པ་རེད་ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་རེགྶི་ ཏྲི་ལར་སེན་གྱིས་གསལ་བསྒྲགས་གནང་བའི་སྙན་ཐོ་དེའི་ནང་མུ་མཐུད་དེ་ རྒྱ་གཞུང་གི་འགོ་ཁྲིད་མི་སྣས་ བོད་མི་སྤྱི་དང་ ལྷག་པར་དུ་དགོན་པ་གྲྭ་ཚང་དང་ བཙུན་དགོན་ཁག་གི་ནང་བསླབ་པ་སློབ་གཉེར་གནང་མཁན་གྲྭ་བཙུན་རྣམས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོར་ཐེ་བྱུས་བྱེད་པ་དང་ གྲྭ་བཙུན་གྱི་ཞལ་གྲངས་ལ་ཚོད་འཛིན་བྱས་ཏེ་གྲྭ་བཙུན་མང་པོ་ཕྱིར་འབུད་བཏང་བ་དང་ དགོན་པ་དང་གྲྭ་ཤག་གཏོར་བཤིག་བཏང་བ་སོགས་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་ཀྱི་བྱ་སྤྱོད་གཞི་རྒྱ་ཆེ་ལ་ ཚབས་ཆེ་བ་སྤེལ་གྱི་ཡོད་པའི་རྐྱེན་གྱིས་དེང་སྐབས་བོད་ཀྱི་དགོན་སྡེ་ཁག་གི་སྲོལ་རྒྱུན་སློབ་གཉེར་བྱེད་སྟངས་ཉམ་རྒུད་ཆེན་པོ་འགྲོ་བཞིན་ཡོད་པ་འཐེར་འདོན་གནང་ཡོད་པ་སོགས་ཀྱི་སྐོར་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་བུ་ཆུང་ཚེ་རིང་ལགས་སུ་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG