ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱིས་རྒྱལ་སྲུང་ལ་ཉེན་ཁ་བཟོ་མཁན་ཕྱི་ནང་ཚང་མར་གདོང་ལེན་བྱ་རྒྱུར་ནུས་པ་ཡོད་ཅེས་གསུངས།


རེས་གཟའ་མིག་དམར་ཉིན་རྒྱ་གར་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་ནས་ལོ་ ༧༡ འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་སྲིད་བློན་ན་རེན་ཌྲ་ མོ་དྷིས་རྒྱལ་ཡོངས་ལ་གཏམ་བཤད་གནང་བའི་ནང་གསུངས་དོན་ལ་ རྒྱལ་ཁབ་ཀྱི་ས་མཚོ་གནམ་གསུམ་གྱི་དམག་མི་དང་། དེ་མིན་སྒྲིག་ཆས་གྱོན་ནས་སྲུང་སྐྱོབ་ཀྱི་ལས་དོན་བྱེད་མཁན་ཚང་མས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལ་ཕྱི་ནས་ཉེན་ཁ་བཟོ་མཁན་དང་རྒྱལ་ནང་དུ་ཉེན་ཁ་བཟོ་མཁན་གཉིས་ཀར་རང་གི་སྲོག་ཚུན་བློས་བཏང་ནས་སྲུང་སྐྱོབ་ཀྱི་འགན་འཁུར་ཆ་ཚང་བ་བྱས་ཡོད། བདེ་འཇགས་སྲུང་སྐྱོབ་ནི་ང་ཚོའི་ལས་དོན་གྱི་འདེམས་ཁ་དང་པོ་ཡིན་པ་དང་། རྒྱལ་ནང་གི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེ་ང་ཚོའི་ལས་དོན་དང་པོ་དེ་ཡིན། དེ་ཡང་རྒྱ་མཚོ་ཡིན་ནའང་རེད། ཡང་ན་ས་མཚམས་ཀྱི་ཉེན་ཁ་ཡིན་ནའང་རེད། ཡང་མཁའ་དབྱིངས་དང་དྲ་རྒྱའི་ཉེན་ཁ་ཡིན་ཀྱང་རུང་དེ་དག་ཚང་མར་གདོང་ལེན་བྱ་རྒྱུར་རྒྱ་གར་ལ་ནུས་པ་ཆ་ཚང་་ལྡན་ཡོད་ཅེས་གསུངས་འདུག

XS
SM
MD
LG