ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་༨པའི་ཚེས་༡༠ཉིན་མོ་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་བ་དང་ཕྱི་རྒྱལ་བ། དེ་བཞིན་བོད་རིགས་བཅས་དད་ལྡན་པ་ཉི་སྟོང་མ་ཟིན་ཙམ་ལ་སེམས་ཀྱི་ཞི་བདེ་སྐྲུན་ཐབས་སྐོར་བཀའ་སློབ་བསྩལ་བའི་མཛད་འཆར་བསྐྱངས་སྐབས་དམིགས་གསལ་འདི་ཡོད་བོད་མི་རྣམས་ལ་ བོད་ས་མཐོའི་སྟེང་ལ་མིའི་འགྲོ་བ་ཆགས་ནས་ལོ་ངོ་སྟོང་ཕྲག་༣༠ཙམ་ཕྱིན་པའི་ལོ་རྒྱུས་ཡོད་པ་དང་དུས་རབས་བདུན་པའི་ནང་བོད་ཡིག་གསར་གཏོད་དང་དུས་རབས་བརྒྱད་པར་ནང་ཆོས་དར་ཁྱབ་ཤུགས་ཆེ་བཏང་བ་སོགས་ནི་ད་ལྟ་འཛམ་གླིང་གི་གཅེས་ནོར་དུ་འགྱུར་ཡོད་པ་དང་བོད་མི་རིགས་ཀྱི་སྤོབས་པ་སྐྱེས་འོས་པ་ཞིག་ཡིན་པ་སོགས་བཀའ་སློབ་གནང་ཡོད་པ་རེད། དེའི་སྐོར་ཚེ་རིང་དབང་རྒྱལ་ལགས་ཀྱིས་ལྡི་ལི་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG