ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་བཙོན་པའི་ངལ་རྩོལ་ཐོན་སྐྱེད་ཨ་རིར་ཕྱིར་ཚོང་།


ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་ལས་དོན་ཚོགས་ཆུང་གིས་གཟའ་མིག་དམར་ཉིན་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་གིས་མུ་མཐུད་དུ་བཙོན་པའི་ངལ་རྩོལ་ཐོན་སྐྱེད་ཨ་མི་རི་ཀར་ཕྱིར་ཚོང་བྱེད་ཀྱི་ཡོད་ཅིང་། འདི་ནི་ཨ་རིའི་ཁྲིམས་དང་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་གྲོས་མཐུན་ལ་བརྩི་མེད་བྱས་པ་ཞིག་ཡིན་ཞེས་འཁོད་ཡོད་པ་མ་ཟད། སྙན་ཐོ་དེའི་ནང་དུ་རྒྱ་ནག་གཞུང་གིས་༢༠༡༣་གི་ཕྱི་ཟླ་༡༡་པར་ངལ་རྩོལ་སྒྱུར་བཀོད་ལམ་ལུགས་མེད་པར་བཏང་བའི་གསལ་བསྒྲགས་བྱས་ཀྱང་ད་དུང་ཡང་བཙོན་པར་བཙན་དབང་གིས་ངལ་རྩོལ་བསྐུལ་པའི་གནས་ཚུལ་མུ་མཐུད་དུ་འབྱུང་བཞིན་འདུག་ཅེས་བཀོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG