ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀའི་དམག་གི་གནམ་གྲུ་ཁག་ཞི་བདེ་རྒྱ་མཚོའི་ནང་དུ་ཆགས་པའི་གྷྭམ་གླིང་ཕྲན་དུ་བཞག་ཡོད་པ་དང་། བྱང་ཀོ་རི་ཡས་ཨ་མི་རི་ཀའི་གནམ་དམག་གི་རྟེན་གཞི་དེར་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་བྱ་རྒྱུའི་བསམ་གཞིག་བྱེད་བཞིན་ཡོད་ཅེས་སྡིགས་ར་བསྐུལ་ཏེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡར་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ནས་རྒོན་ལན་སློག་རྒྱུ་ཡིན་ཞེས་ལན་འདེབས་བྱས་ཡོད་ཅིང་། ཨ་མི་རི་ཀའི་འཐབ་འཛིང་གནམ་གྲུ་དང་མདེལ་གཡུག་གནམ་གྲུ་ཁག་གྷྭམ་གླིང་ཕྲན་ནས་ལྷོ་ཀོ་རི་ཡའི་མཁའ་དབྱིངས་སུ་འཕུར་ཏེ། དེང་སྐབས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་དམག་གིས་མཉམ་འབྲེལ་དམག་སྦྱོང་བྱེད་ཀྱི་ཡོད་པ་དང་། བྱང་ཀོ་རི་ཡས་གྷྭམ་གླིང་ཕྲན་དང་ལྷོ་ཀོ་ཡ་གཉིས་ལ་རྒོལ་རྡུང་བྱ་རྒྱུ་ཡིན་ཞེས་འཁྲུག་རྩོད་སློང་གི་ཡོད་པ་རེད།།

XS
SM
MD
LG