ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་རྒྱལ་ས་དིལླི་གསར་པར་ཚུགས་ཡོད་པའི་་ཨུ་རུ་སུའི་སི་ནར་གྷི་ཚོང་ལས་སློབ་གཉེར་ཁང་གི་སློབ་སྤྱི་གྷི་རི་གོ་རི་ཨ་ཝེ་ཏོཝ་དང་ཨུ་རུ་སུའི་གསར་འགོད་པ་ཌེ་མི་ཏྲི་པོར་ཏི་ཎི་ཡ་གྷིན་གཉིས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་ཞུས་ཏེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུ་ནི་སྟོབས་ཆེན་རྒྱལ་ཁབ་གཅིག་ཡིན་ཞིང་། ཨུ་རུ་སུའི་མི་དམངས་ཀྱང་རིག་གཞུང་ལྡན་པའི་མི་རིགས་ཤིག་ཡིན། གལ་སྲིད་རྒྱལ་ཁབ་དེའི་སྟོབས་ཤུགས་ཀྱི་ནུས་པ་རྣམས་འགན་ཁུར་ལྡན་པར་བཟང་ཕྱོགས་ལ་ལེགས་སྐྱེས་འབུལ་རྒྱུར་བེད་སྤྱོད་བྱེད་ཐུབ་ན་དགེ་མཚན་ཡོང་རྒྱུ་ཡིན་པ་མ་ཟད། ནུས་ཤུགས་དེ་དག་དམག་དོན་ལ་བེད་སྤྱོད་མ་བྱས་ན་དེ་འབྲེལ་གྱི་འཇིགས་སྣང་ཡང་མི་ཡོང་བའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་འདུག

XS
SM
MD
LG