ངོ་འཕྲད་བདེ་བའི་དྲ་འབྲེལ།

གྷུ་ཇུ་རཱད་ནང་ཆུ་ལོག་གི་རྐྱེན་པས་མི་མང་པོར་སྲོག་སྐྱོན་བྱུང་བར་༧གོང་ས་མཆོག་གིས་ཐུགས་གསོའི་འཚམས་འདྲི།


རྒྱ་གར་ནུབ་ཕྱོགས་ཀྱི་མངའ་སྡེ་གྷུ་ཇུ་རཱད་ནང་ཉེ་ལམ་ཆར་དུས་མོན་སཱུན་གྱི་ཆར་པ་ཤུགས་ཆེ་འབབ་ཏེ་མི་༢༡༣ ཙམ་སྲོག་སྐྱོན་དང་། རྒྱུ་དངོས་ལ་གནོད་སྐྱོན་གོད་ཆགས་ཆེན་པོ་བྱུང་ཡོད་པར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝི་ཇེ་རུ་པཱ་ནི་མཆོག་ལ་ཕྱི་ཟླ་༨པའི་ཚེས་༡ གི་ཉིན་ཐུགས་གསོའི་འཚམས་འདྲི་གནང་ཡོད་པ་སྐོར་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་གནང་བའི་གནས་ཚུལ་དེ་གསན་གྱི་རེད།

XS
SM
MD
LG