ངོ་འཕྲད་བདེ་བའི་དྲ་འབྲེལ།


ཕྱི་ཟླ་༨ ཚེས་ ༢ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལར་ཉེ་འཆར་ཕྱི་ཟླ་ ༧ ཚེས་ ༢༩ རེས་གཟའ་སྤེན་པའི་ཉིན་ལྷ་རྒྱ་རིའི་ཉེ་འགྲམ་དུ་རྡ་ས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཤིང་ཚོན་སྡེ་ཚན་གྱི་ལས་བྱེད་པ་སངས་དོན་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བའི་རྗེས་སྐུ་ཕུང་གདན་ཞུ་དང་ཁོང་གི་བློ་གཏོང་ལ་གུས་བཀུར་དང་སྐུ་ཚེ་མ་ཟིན་པར་མྱ་ངན་ཞུས་པའི་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱིས་དཔལ་ལྡན་སྲིད་སྐྱོང་དབུས་པའི་མཛད་གཙོ་རྣམ་པ་ཕེབས་ཡོད་པ་དང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཙན་བྱོལ་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་མ་གནང་རོགས་ཅེས་འབོད་སྐུལ་ཞུས་ཡོད་པའི་སྐོར་ང་ཚོའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG