སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དཱགས་ཀྱི་ཞི་བའི་ཚལ་ཕོ་བྲང་དུ་དད་ལྡན་པ་སྟོང་ཕྲག་མང་པོར་ཉིན་གསུམ་རིང་གི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བསྩལ་གནང་བའི་ཉིན་མཐའི་ཉིན་ལ་དཱགས་ནང་པའི་ཆོས་ཚོགས་ཀྱིས་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་དང་བཅས་༧གོང་ས་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་ནས་གསུང་ཆོས་འཇུག་སྒྲིལ་གནང་ཡོད་པ་དང་བརྟན་བཞུགས་མཛད་སྒོར་ཇམ་མུ་དང་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་མཆོག་ཀྱང་ཕེབས་ཡོད་པའི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་གྱི་རེད།