ངོ་འཕྲད་བདེ་བའི་དྲ་འབྲེལ།

བཞུགས་སྒར་ཁུལ་དུ་མི་ཞིག་གིས་རང་ལུས་མེ་བསྲེགས་བཏང་བའི་གནས་ཚུལ་ཐོན་འདུག


(TibetanYouth Congress Photo)


དེ་ཡང་རེས་གཟའ་སྤེན་པ་དང་སྤྱི་ཚེས་༢༩ཉིན་བཞུགས་སྒར་རྡ་རམ་སའི་གླིང་སྐོར་ལམ་དུ་ཉིན་རྒྱབ་རང་ལུས་མེ་བསྲེགས་བཏང་སྟེ་འདས་གྲོངས་སུ་སོང་བའི་གནས་ཚུལ་ཐོན་ཡོད་ཅིང་། ད་ལྟའི་འཆར་གནད་དོན་གང་དང་ས་གནས་གང་ནས་ཡིན་མིན་སོགས་ངོ་ཐག་ཆོད་མེད་ན་ཡང་མེ་སྲེག་བཏང་བའི་སྐབས་དངོས་སུ་མཐོང་མཁན་ནས་བརྗོད་པ་ལྟར་ན་བོད་མི་ཞིག་ཡིན་པའི་ཚོད་དཔག་གནང་བཞིན་ཡོད་འདུག ཞིབ་ཕྲའི་གནས་ཚུལ་སྐོར་ལ་འདི་གའི་བཞུགས་སྒར་གྱི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG