ངོ་འཕྲད་བདེ་བའི་དྲ་འབྲེལ།


རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུཤ་མ་སྭ་རཇ་ཡིས་བོད་ནང་གི་བོད་པ་ཚོས་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་དང་ཨ་རུ་ན་ཅལ་མངའ་སྡེའི་མི་མང་ཚོར་རྒྱ་ནག་གིས་ཤོག་འཛར་གྱི་ཐོངས་མཆན་སྤྲོད་རྒྱུའི་གནད་དོན་གཉིས་རྒྱ་གར་གྱིས་རང་གི་ཁེ་ཕན་ཆེད་དུ་ཕར་སྤྲོད་ཚུར་ལེན་བྱ་རྒྱུའི་གནད་དོན་ཞིག་གཏན་ནས་མིན་ཞེས་གསུངས་འདུག་ཅིང་། དེ་ཡང་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་གྲོས་ཚོགས་གོང་མར་གནད་དོན་དེའི་སྐོར་ལ་གྲོས་ཚོགས་འཐུས་མི་ཚོས་གླེང་སློང་བྱས་པར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་ལན་འདེབས་དང་གསལ་བཤད་གནང་སྟེ། བོད་ནང་གི་བོད་པ་ཚོས་དཀའ་སྡུག་མྱོང་བཞིན་པའི་གནད་དོན་ལ་རྒྱ་གར་གྱིས་ཅི་ཡང་མ་བཤད་པར་ལྟད་མོར་བལྟས་མ་བསྡད་པར་བོད་དོན་ཀྱི་ཆེད་དུ་རྒྱ་ནག་གི་འགོ་ཁྲིད་ཚོར་རྒྱུན་དུ་གླེང་སློང་གནང་གི་ཡོད་ཅེས་གསུངས་འདུག འོན་ཀྱང་རྒྱ་གར་གྱི་རྒྱལ་ས་དིལླི་གསར་པའི་རྒྱ་ནག་ཞིབ་འཇུག་ལྟེ་གནས་ཀྱི་ཉམས་ཞིབ་པ་ཚེ་རིང་ཆོས་འཛོམས་ལགས་ཀྱིས་བོད་ནང་གི་བོད་པ་དཀྱུས་མ་ཚོས་དཀའ་སྡུག་མྱོང་བཞིན་པར་རྒྱ་གར་ལ་སེམས་ཚབས་ཡོད་པ་་གྲོས་ཚོགས་སུ་གསུངས་པ་ཐེངས་དང་པོ་ཡིན་རུང་། གཏམ་བཤད་དེས་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་སོང་བའི་མངོན་རྟགས་གང་ཡང་མ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG