ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལ་དཱགས་པར་སྤྱོད་འཇུག་གི་གསུང་ཆོས།


དེང་སྐབས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དཱགས་ཀྱི་ས་གནས་ཁག་ཏུ་གསུང་ཆོས་གནང་བ་སོགས་ཀྱི་མཛད་འཕྲིན་རིམ་པ་ཞིག་བསྐྱངས་དང་སྐྱོང་བཞིན་ཡོད་ཅིང་། དེ་རིང་རེས་བཟའ་པ་སངས་ཉིན་༧གོང་ས་མཆོག་གིས་ལ་དཱགས་ཞི་བའི་ཚལ་ཕོ་བྲང་དུ་མི་མང་སྟོང་ཕྲག་མང་པོར་བཀའ་སློབ་དང་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀའ་དྲིན་བསྐྱངས་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་ལ་དཱགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞི་འགོ་ཚེ་བརྟན་དབང་ཕྱུག་ལགས་སུ་༧གོང་ས་མཆོག་གི་མཛད་འཕྲིན་ཁག་གི་སྐོར་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG