ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྐྱེས་པའི་འཆལ་སྤྱོད་ཀྱི་སུན་གཙེར་འགོག་ཐབས།


རྒྱ་གར་གྱི་ཇེ་ཡེ་པུར་གྲོང་ཁྱེར་གྱི་ཁྲོམ་གཞུང་དང་སྲང་ལམ། གླིང་ཀ་བཅས་སུ་བུད་མེད་ལ་སྐྱེས་པ་རྒན་གཞོན་སུ་ཡིན་གྱིས་འཆལ་པོའི་སྤྱོད་པ་བཟུང་ནས་གླེན་རྟགས་ཆེན་པོས་བརྙེས་བཅོས་གཏོང་སྲོལ་ཡོད་པ་མ་ཟད། བུད་མེད་ལ་རྗེས་འདེད་བྱེད་པ་དང་། སྐབས་རེར་ལག་པ་འཆང་བ་དང་རྡུང་རྡེག་གཏོང་བ། ད་དུང་བཙན་གཡེམ་བྱས་པའི་དོན་རྐྱེན་མང་དུ་འབྱུང་གི་ཡོད་ཀྱང་བུད་མེད་ཚོར་དཀའ་ངལ་ཞུ་ས་མེད་པར་ཁ་ཁུ་སིམ་པོའི་ངང་དུ་སྡུག་ཁུར་ནས་སྡོད་དགོས་ཐུག་གི་ཡོད་ཅིང་། སྐྱེས་པ་དང་ཉེན་རྟོག་པ། དབང་ཐང་ཆེ་བའི་མི་ཚོས་གོང་ཞུས་དོན་རྐྱེན་རྣམས་ཀུ་རེའི་ཚུལ་དུ་སྣང་མེད་དུ་གཏོང་འཇོག་པའམ། ཡང་ན་ནོར་འཁྲུལ་བུད་མེད་དེར་གཡོགས་པའི་སྲོལ་ངན་ཞིག་ཡོད་པར་བརྟེན། རྒྱ་གར་གྱི་ཇེ་ཡེ་པུར་གྲོང་ཁྱེར་དུ་ཉེས་སྤྱོད་འགོག་པའི་ཉེན་རྟོག་སྐོར་གཡེང་བ་བཀྲམ་ནས་བུད་མེད་ཀྱི་དཀའ་སྡུག་སེལ་ཐབས་བྱེད་ཀྱི་ཡོད་པའི་སྐོར། འཕྲིན་ལས་ཆོས་སྒྲོན་གྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG