ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉེ་དུས་ཤིག་ནས་རྒྱ་གར་དྷ་རམ་ས་ལའི་བོད་གཞུང་སྨན་རྩིས་ཁང་གིས་བསྒྲུབས་པའི་རིན་ཆེན་གྲང་སྦྱོར་ཆེན་པོ་དང་མང་སྦྱོར་ཆེན་མོ། རིན་ཆེན་ཚ་སྦྱོར་ཆེན་མོ་དང་རཏྣ་བསམ་འཕེལ། བཙོ་བཀྲུ་ཟླ་ཤེལ་སོགས་ཀྱི་མིང་བཏགས་ནས་བོད་སྨན་རྫུན་མ་མང་དག་ཅིག་བོད་ནང་ཁུལ་དུ་ཚོང་འགྲེམ་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་བོད་གཞུང་སྨན་རྩིས་ཁང་གིས་གསལ་བསྒྲགས་ཞིག་སྤེལ་ཏེ། མི་ཁ་ཤས་ཀྱིས་དཔལ་འབྱོར་གྱི་ཁེ་ཕན་གཅིག་པུར་བསམས་ནས་སྨན་རྩིས་ཁང་གི་མིང་བརྒྱབ་པའི་བོད་སྨན་རྫུན་མ་རྣམས་ཚོང་འགྲེམ་བྱེད་བཞིན་པར་མི་དམངས་ཀྱིས་དོགས་ཟོན་བྱ་དགོས་ཞེས་ཉེན་བརྡ་བཏང་ནས་འབོད་སྐུལ་ཞུས་ཡོད་པའི་སྐོར། དཀོན་མཆོག་དོན་གྲུབ་ལགས་ཀྱིས་ངྷ་རམ་ས་ལའི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་། །

XS
SM
MD
LG