ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་༧ པའི་ཚེས་༡༩ཉིན་མོ་སྐུ་ཞབས་ལེའུ་ཞའོ་པོ་དམ་པའི་བདུན་ཚིགས་དང་པོའི་ཉིན་པེ་ཅིང་གི་དུས་ཚོད་དགོང་དྲོའི་ཆུ་ཚོད་བརྒྱད་པའི་ཐོག་ལ་ཁོང་ལ་རྒྱབ་སྐྱོར་བ་རྒྱ་ནག་ཕྱི་ནང་ཡོངས་ནས་དུས་གཅིག་ཏུ་མྱ་ངན་རྗེས་དྲན་ཞུ་རྒྱུའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ལས་འགུལ་དེ་གཙོ་བོ་སྐུ་ཞབས་ལེའུ་ཞའོ་པོ་ཡི་གྲོགས་པོ་དང་ ༢༠༠༨གི་ཁྲིམས་གཞི་ཟེར་བའི་སྐད་གྲགས་ཅན་གྱི་རྒྱ་ནག་གཞུང་ལ་དམངས་གཙོའི་བཅོས་འགྱུར་དགོས་པའི་ཡིག་ཆའི་ཐོག་ལ་མཚན་རྟགས་འགོད་མཁན་ཚོས་གསར་འཛུགས་གནང་བའི་ལེའུ་ཞའོ་པོ་ལས་དོན་ཚོགས་ཆུང་དང་ལེའུ་ཞའོ་པོ་ལ་རྗེས་དྲན་ལྷན་ཚོགས་ཟེར་བ་གཉིས་ནས་སྒྲིག་འཛུགས་དང་སྐུལ་སློང་གནང་བ་ཞིག་ཡིན་པ་རེད། དེའི་སྐོར་པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་གནང་གི་རེད།

XS
SM
MD
LG