ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མུ་ལ་ཡམ་སིང་ཡ་དྷེཝ་ཀྱིས་རྒྱ་གར་གྱི་བོད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་གསུངས་འདུག


རྒྱ་གར་གྱི་ས་མཇ་ཝ་ཏི་སྲིད་དོན་ཚོགས་པའི་འགོ་ཁྲིད་དང་བདེ་སྲུང་བློན་ཆེན་ཟུར་པ་མུ་ལ་ཡམ་སིང་ཡ་དྷེཝ་ཀྱིས་འབྲུག་དང་འབྲས་ལྗོངས་ཁུལ་དུ་རྒྱ་ནག་གིས་བཙན་འཛུལ་བྱེད་སྟངས་ལ་ལྟས་པ་ཡིན་ན་རྒྱ་གར་གྱིས་བོད་རྒྱ་ནག་གི་མངའ་ཁོངས་ཡིན་པར་ངོས་འཛིན་བྱས་པའི་སྲིད་བྱུས་དེ་ནོར་འཁྲུལ་བྱུང་འདུག་པ་དང་། ད་ལྟ་རྒྱ་གར་གྱིས་བོད་ལ་འཛིན་པའི་སྲིད་བྱུས་དེ་ལ་འགྱུར་བ་བཏང་ནས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་དགོས་པ་ཡིན་ཞེས་གསུངས་འདུག་པ་དང་། ཁོང་གིས་རྒྱ་ནག་དང་པ་ཀིས་ཐན་གཉིས་མཉམ་འབྲེལ་གྱིས་ཀཤ་མིར་ནང་གཏོར་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། ཀཤ་མིར་ནང་པ་ཀིས་ཐན་གྱི་དམག་མི་ལ་རྒྱ་ནག་གིས་གོ་ལག་གིས་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད་རེད་ཅེས་གསུངས་འདུག

XS
SM
MD
LG