ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ལ་རང་དབང་དགོས་ཞེས་བོད་མི་ཞིག་གིས་སྐད་འབོད་བྱས་ཏེ་ལྷ་སར་རང་ཤི་བརྒྱབ་འདུག


ཚེས་༢༣ དང་རེས་གཟའ་པ་སངས་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ལྟེ་གནས་སུ་གྱུར་པའི་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཐང་ལ་བོད་མི་ཞིག་གིས་བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་ཏེ་རང་ཉིད་ཀྱི་སྐེ་ལ་གྲི་བརྒྱབ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། གནས་ཚུལ་ཐོན་པའི་རྗེས་ལམ་སེང་ཉེ་ཁོར་ལ་ཡོད་པའི་ཉེན་རྟོག་མི་སྣ་དང་བདེ་སྲུང་མི་སྣ། དྲག་ཆས་མ་སྤྲས་པའི་ཉེན་རྟོག་མི་སྣ་སོགས་མང་པོས་རས་སྔོན་པོ་ཞིག་གིས་བོད་མི་འདི་མཐའ་སྐོར་ནས་ས་གནས་སུ་ཡོད་པའི་མང་ཚོགས་ཚོས་གནས་ཚུལ་ཤེས་རྟོགས་བྱེད་བཅུག་མི་འདུག གནས་ཚུལ་ཐོན་ཡུལ་གྱི་ས་གནས་འདི་ནི་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་དང་དུས་རྒྱུན་ནས་བར་སྐོར་དུ་སྐྱོད་མཁན་ཁྲོད་ཞིབ་བཤེར་བྱེད་སའི་ལྟེ་གནས་ཤིག་ཡིན་པས། མི་ཚོགས་མང་བའི་ཐོག་གཞུང་གིས་བཀོད་སྒྲིག་བྱས་པའི་དྲག་ཆས་ཉེན་རྟོག་དམག་མི་དང་ཉེན་རྟོག་པ། བདེ་སྲུང་མི་སྣ་ཟེར་བ། དྲག་ཆས་མ་སྤྲས་པའི་ཉེན་རྟོག་དམག་མི་སོགས་མང་ཤོས་ཀྱི་ས་ཆ་ཞིག་ཀྱང་རེད་འདུག

XS
SM
MD
LG