ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

པ་ན་མའི་གཞུང་གིས་རྒྱ་ནག་ལ་འབྲེལ་བ་བཙུགས་པ།


པ་ན་མ་ནི་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཅིག་ཡིན་རུང་། དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་། པ་ན་མའི་སྲིད་འཛིན་གཞོན་པ་གཉིས་ཀྱིས་པེ་ཅིང་དུ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་བཙུགས་པའི་སྤྱི་བསྒྲགས་ཤིག་ལ་མིང་རྟགས་བཀོད་ཡོད་ཅིང་། དེར་བརྟེན་ཐེ་ཝན་ལ་སླར་ཡང་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཅིག་ཉུང་དུ་སོང་བ་དང་། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས་པ་ན་མས་ཕྱི་འབྲེལ་བཅད་པར་བློ་ཕམ་དང་ཁོང་ཁྲོའི་རྣམ་འགྱུར་བསྟན་ཏེ། ཁོང་གིས་ཐེ་ཝན་གཞུང་གིས་པ་ན་མ་རྒྱལ་ཁབ་ལ་དཔལ་འབྱོར་རོགས་རམ་སྤྲོད་ཀྱི་ཡོད་པ་དང་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་ལས་གཞི་གཉེར་གྱི་ཡོད་པ་རྣམས་འཕྲལ་དུ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG