ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དབྱིན་ཇི་གཞུང་འཛིན་ཚོགས་པའི་འཐུས་མི་གྲངས་མང་གི་གོ་གནས་ཤོར།


དབྱིན་ཇིའི་གྲོས་ཚོགས་འཐུས་མིའི་སྤྱི་ཡོངས་འོས་འདེམས་ལ་ད་དུང་ལོ་གསུམ་གྱི་དུས་ཚོད་ཡོད་ཀྱང་སྲིད་བློན་ཊེ་རི་ས་མཱེས་འོས་འདེམས་སྔར་སྣུར་བྱས་ནས་རང་གི་སྲིད་དོན་ཚོགས་པར་སྔར་ལས་ལྷག་པའི་འཐུས་མི་གྲངས་མང་གི་གདན་གྲངས་འཐོབ་རྒྱུའི་རེ་བ་འཆང་བ་དང་། ཁ་སང་ཕྱི་ཟླ་༦་ཚེས་༨་ཉིན་དབྱིན་ཇི་རྒྱལ་ཡོངས་སུ་གྲོས་ཚོགས་འཐུས་མི་འོས་འདེམས་བྱས་ཏེ། དབྱིན་ཇིའི་གྲོས་ཚོགས་འོག་མར་ཁྱོན་བསྡོམས་འཐུས་མི་༦༥༠་ཡོད་པ་དེའི་ཁོངས་ནས་གཞུང་འཛིན་རྙིང་ཞེན་ཚོགས་པར་འཐུས་མི་༣༡༨་ལས་ཐོབ་མེད་ཅིང་། ༢༠༡༥་ལོའི་འོས་འདེམས་ལ་བསྡུར་ན་གཞུང་འཛིན་རྙིང་ཞེན་ཚོགས་པར་གྲོས་ཚོགས་འཐུས་མི་༡༣་གྱི་གདན་གྲངས་ཉུང་དུ་སོང་འདུག དབྱིན་ཇིའི་ཕྱོགས་འགལ་ལས་རྩོལ་ཚོགས་པར་༢༠༡༥་ལོའི་འོས་འདེམས་སྐབས་སུ་གྲོས་ཚོགས་འཐུས་མི་༢༣༢་ལས་ཐོབ་མེད། ཁ་སང་གི་འོས་འདེམས་སྐབས་སུ་ཕྱོགས་འགལ་ལས་རྩོལ་ཚོགས་པར་འཐུས་མི་༢༦༢་ཐོབ་སྟེ། འཐུས་མི་༣༠་ཐམ་པའི་གདན་གྲངས་མང་དུ་སོང་ཡོད་པ་དང་། ད་ཐེངས་ཀྱི་འོས་འདེམས་རྗེས་སུ་དབྱིན་ཇིའི་སྲིད་དོན་ཚོགས་པ་གང་ལའང་རང་ངོས་ནས་སྲིད་གཞུང་འཛུགས་ཐུབ་པའི་འཐུས་མི་གྲངས་མང་གི་གདན་གྲངས་ཐོབ་མེད་པས། སྲིད་བློན་ཊེ་རི་ས་མཱེས་སྲིད་དོན་ཚོགས་པ་གཞན་ཁག་ལ་མཉམ་འབྲེལ་བྱས་ནས་སྲིད་གཞུང་གསར་པ་ཞིག་འཛུགས་དགོས་པའི་གྲོས་བསྡུར་བྱེད་ཀྱི་ཡོད་པ་དང་། རྙིང་ཞེན་ཚོགས་པའི་ནང་ཁུལ་དུ་སྲིད་བློན་ཊེ་རི་ས་མཱེ་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG