ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་དང་ཚོང་པ་སྒེར་པ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨོ་སི་ཊི་རེ་ལི་ཡའི་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་དང་རྒྱ་སྐད་ཀྱི་འཕྲིན་ལམ་ཁག ཨོ་སི་ཊི་རེ་ལི་ཡའི་སློབ་ཆེན་ཁག་དང་ཞིབ་འཇུག་ལས་ཁང་ཁག་ལ་ཨ་སྒོར་དུང་ཕྱུར་མང་པོ་ཞལ་འདེབས་སྤྲོད་པའམ། ཡང་ན་ཨོ་སི་ཊི་རེ་ལི་ཡའི་སློབ་ཆེན་ཁག་ལ་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་ཁུན་ཙིའི་སློབ་གླིང་འཛུགས་ཀྱི་ཡོད་ཅིང་། རྒྱ་ནག་དམར་ཤོག་གི་ལྟ་བ་དང་ལངས་ཕྱོགས་མཚོན་པའི་འགྲེམ་སྟོན་དང་འཁྲབ་སྟོན་ཁག་ཨོ་སི་ཊི་རེ་ལི་ཡར་དར་ཁྱབ་གཏོང་བ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨོ་སི་ཊི་རེ་ལི་ཡའི་ས་གནས་ཁག་ལ་མ་རྩ་བཙུགས་ཏེ། ཁོ་ཚོས་ཨོ་སི་ཊི་རེ་ལི་ཡའི་གཞུང་དམངས་གཉིས་ཀར་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་གཏོང་གི་ཡོད་པ་དང་། རྒྱ་ནག་གི་སོ་མྱུལ་རྣམས་ཨོ་སི་ཊི་རེ་ལི་ཡའི་ས་གནས་གང་སར་ཁྱབ་སྟེ། ཨོ་སི་ཊི་རེ་ལི་ཡ་རྒྱ་ནག་གི་ཤུགས་རྐྱེན་འོག་ནས་ཐར་མི་ཐུབ་པའི་མཚམས་སུ་སླེབས་གྲབས་ཡོད་པ་རེད།།

XS
SM
MD
LG