ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ཟླ་དྲུག་པའི་ཚེས་བཞི་ཉིན་ནི་རྒྱ་ནག་གཞུང་གིས་མང་གཙོ་དོན་གཉེར་བའི་སློབ་ཕྲུག་ཐོག་དྲག་གནོན་བྱས་ནས་མི་ལོ་ཉི་ཤུ་རྩབ་བརྒྱད་ཁོར་བའི་དུས་དྲན་གྱི་ཉི་མོ་ཞིག་ཡིན་པར་བརྟེན་ཨ་རི་དང་ཐད་ཝན་དེ་བཞིན་འཛམ་གླིང་ས་ཕྱོགས་ཁག་ཏུ་ཡོད་པའི་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ཚོས་དུས་དྲན་ལ་སྲུང་བརྩིའི་མཛད་སྒོ་ཁག་ཚོགས་ཡོད་པ་དང་། ཐད་ཝན་གྱི་སྲིད་འཛིན་གྱིས་དྲུག་བཞི་དུས་དྲན་ལ་སྲུང་བརྩི་དང་སྦྲགས་རྒྱ་ནག་གཞུང་གིས་མང་གཙོའི་ཐད་ཝན་ལ་སློབ་སྦྱོང་བྱེད་དགོས་པ་ཞིག་རེད་ཅེས་གསུངས་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་ལ་ཐོན་པའིག་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་གིས་ཕྱོགས་བསྒྲིགས་དང་ཕབ་བསྒྱུར་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG