ངོ་འཕྲད་བདེ་བའི་དྲ་འབྲེལ།

རླུང་འཕྲིན།

ཨ་རི་གྲོས་མཐུན་ནས་ཕྱིར་འཐེན་བྱས་པར་འཛམ་གླིང་གི་དབུ་ཁྲིད་ཚོ་བློ་ཕམ།


ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་པེ་རི་སིར་བཞག་པའི་གནམ་གཤིས་འགྱུར་ལྡོག་བཀག་འགོག་གི་གྲོས་མཐུན་ཁོངས་ནས་ཨ་རི་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་པར་འཛམ་གླིང་རྒྱལ་ཁབ་མང་པོའི་དབུ་ཁྲིད་རྣམ་པ་དང་ཁོར་ཡུག་སྲུང་སྐྱོབ་པ་ཚོས་བློ་ཕམ་བྱུང་ཡོད་ཅིང་། ཧྥ་རན་སིའི་སྲིད་འཛིན་ཨེ་མ་ནུལ་མེཀ་རོན་གྱིས་གསུངས་དོན། ཧྥ་རན་སི་དང་དབྱིན་ཡུལ་གཉིས་ཀྱིས་ཨ་རིའི་སྲིད་འཛིན་གྱི་ཐག་གཅོད་དེ་ལོ་རྒྱུས་ཀྱི་ནོར་འཁྲུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

XS
SM
MD
LG