ངོ་འཕྲད་བདེ་བའི་དྲ་འབྲེལ།

འདས་པའི་ཉི་མ་༩་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སོ་ཌི་ཨ་རེ་བྷི་ཡ་དང་ཨི་སི་རལ། པ་ལི་སི་ཐན། ཡུ་རོབ་ཀྱི་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་དང་ཨི་ཊི་ལི། བྷེལ་ཇེམ་བཅས་རྒྱལ་ཁབ་འགའ་ཞིག་ལ་འཚམས་འདྲིར་ཕེབས་ཏེ། སྲིད་འཛིན་ཌོ་ནལ་ཊོམ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཆེས་མཐོ་འགོ་ཁྲིད་རྣམ་པའི་ཚོགས་འདུ་དང་། འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༧་གྱི་ཆེས་མཐོ་འགོ་ཁྲིད་པའི་ལོ་འཁོར་ཚོགས་ཆེན་ཁག་ལ་ཞུགས་ཡོད་ཅིང་། སྲིད་འཛོན་ཌོ་ནལ་ཊོམ་གྱིས་སི་སི་ལིར་འགྲེམ་འཇོག་བྱས་ཡོད་པའི་ཨ་མི་རི་ཀའི་དམག་ལ་ཐུག་འཕྲད་བྱས་པ་དང་། ཁོང་གིས་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གི་མཛའ་འབྲེལ་སྲ་བརྟན་བཏང་ཡོད་ཅེས་གཏམ་བཤད་བྱས་པ་མ་ཟད། གཟའ་མཇུག་འདིར་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་སྲིད་འཛིན་ཌོ་ནལ་ཊོམ་གྱི་ཕྱི་རྒྱལ་གྱི་འཚམས་འདྲིར་ཐེངས་དང་པོ་ཧ་ཅང་གི་གྲུབ་འབྲས་ལྡན་པ་ཞིག་བྱུང་སོང་ཞེས་བསྔགས་བརྗོད་བྱས་མོད། ཡིན་ནའང་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་དང་གསར་འགྱུར་ལས་ཁང་ཁག་གིས་དེ་ལྟར་བསྔགས་བརྗོད་བྱེད་ཀྱི་མེད་པ་སྟེ། འཇར་མན་ཎིའི་སྲིད་བློན་ཨང་གྷི་ལ་མར་ཁེལ་གྱིས་ང་ཚོ་མཐའ་གཅིག་ཏུ་གཞན་ལ་བརྟེན་པའི་དུས་ཚོད་དེ་ཡོལ་ཚར་སོང་། ང་ལ་ཉིན་ཤས་རིང་ཉམས་མྱོང་ཡག་པོ་ཐོབ་སོང་། ཡུ་རོབ་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀ་དང་དབྱིན་ཇི་གཉིས་ལ་འབྲེལ་བ་བཟང་པོ་འཛིན་དགོས། ཡིན་ནའང་ང་ཚོ་ཡུ་རོབ་པ་ཚོས་རང་གི་མདུན་ལམ་ལ་རང་གིས་ཐག་གཅོད་བྱ་དགོས་པའང་ཤེས་དགོས་ཀྱིན་འདུག་ཅེས་ནན་བརྗོད་བྱས་འདུག

XS
SM
MD
LG