ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་བྱམས་བརྩེའི་རིག་གནས་གསར་བརྗེ་དགོས་ཞེས་གསུངས་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉི་ཤུ་པའི་ནང་བྱུང་བའི་རིག་གནས་གསར་བརྗེ་དེ་ཁོང་ཁྲོ་དང་ཞེ་སྡང་གི་ཀུན་ནས་སླང་སྟེ་བྱུང་བ་ཞིག་ཡིན་པར་བརྟེན་དེའི་བྱུང་འབྲས་ཀྱང་མི་གསོད་ཁྲག་སྦྱོར་སོགས་ཀུན་ལ་གནོད་པ་ཤ་སྟགས་བྱུང་ཡོད་པ་དང་། ད་ལྟའི་འཛམ་གླིང་འདི་དྲང་བདེན་དང་འདྲ་མཉམ་གྱི་ཁོར་ཡུལ་ཞིག་བྱུང་བར་བྱམས་བརྩེ་དང་གཞན་ཕན་གྱི་ཉམས་ལེན་ཁོ་ན་ལས་ཐབས་གཞན་མེད་པར་བརྟེན་འཛམ་གླིང་འདིར་བྱམས་བརྩེའི་རིག་གནས་གསར་བརྗེ་ཞིག་དགོས་ཀྱི་འདུག་ཅེས་བཀའ་སློབ་གནང་འདུག་པ་དང་། དེ་ཡང་རེས་གཟའ་པ་སངས་ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་ཕོ་བྲང་དུ་ཨ་རི་དང་རྒྱ་གར་གྱི་མཐོ་སློབ་ཁག་ནས་འབྱོར་བའི་སློབ་ཕྲུག་ཚོར་བྱམས་བརྩེའི་སྐོར་བཀའ་སློབ་གནང་བའི་རྗེས་སློབ་ཕྲུག་གཅིག་གིས་འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་བྱ་ཐབས་གང་ཡོད་ཅེས་བཀའ་དྲི་ཞུས་པས་་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩའི་རིག་གནས་གསར་བརྗེ་་དགོས་སྐོར་བཀའ་གནང་དོན།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG