ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དབྱིན་ཡིག་ནང་བོད་ཀྱི་བརྩམས་སྒྲུང་ཕྱོགས་སྒྲིག


སྐད་ཡིག་སྣ་མང་ཐོག་རྩོམ་འབྲི་གནང་མཁན་བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ཕྱོགས་སྒྲིག་ཅིག་མི་རིང་བར་ནེའུ་ཡོག་ཏུ་ཡོད་པའི་དཔེ་དེབ་པར་སྐྲུན་ཁང་ཞིག་གིས་འགྲེམས་སྤེལ་བྱ་འཆར་ཡོད་ཅིང་། བརྩམས་སྒྲུང་རྩོམ་པ་པོ་ཚེ་རིང་དོན་གྲུབ་དང་སྟག་འབུམ་རྒྱལ། སྐྱབས་ཆེན་བདེ་གྲོལ་དང་འཇམ་དབྱངས་ནོར་བུ་སོགས་ཁྱོན་བོད་ཀྱི་རྩོམ་པ་པོ་༡༦གི་བརྩམས་ཆོས་༢༡ཡིད་པའི་དེབ་འདིའི་རྩོམ་སྒྲིག་པ་དང་ཡིག་བསྒྱུར་ཐད་ལ་འགན་ལེན་མཁན་གཙོ་བོ་བསྟན་འཛིན་བདེ་སྐྱིད་ལགས་དང་ལྷན་དེབ་འདིའི་སྐོར་ལ་ཚེ་རིང་སྐྱིད་ལགས་ཀྱིས་གླེང་མོལ་གནང་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG