ངོ་འཕྲད་བདེ་བའི་དྲ་འབྲེལ།

ལོ་མང་གོང་ནས་ཨ་མི་རི་ཀའི་གཞུང་གིས་ཕྱི་རྒྱལ་བ་གང་ཞིག་གིས་ཨ་མི་རི་ཀའི་གྲོང་གསེབ་ཁག་ལ་ཨ་སྒོར་འབུམ་༥་མ་རྩ་བཙུགས་ཏེ། ཨ་རིའི་གྲོས་གསེབ་པ་ཁག་ཅིག་ལ་ལས་ཀ་གསར་པ་གོ་སྒྲིག་བྱེད་ཐུབ་ན་མི་དེར་ཨ་མི་རི་ཀའི་གཞུང་གིས་མ་རྩ་འཛུགས་འཇོག་པའི་ཐོངས་མཆན་སྤྲོད་རྒྱུ་དང་། རིམ་བཞིན་མི་དེ་ཨ་མི་རི་ཀའི་སྤྱི་དམངས་ལ་འགྱུར་ཐུབ་པའི་གོ་སྐབས་སྤྲོད་ཀྱི་ཡོད་ཅིང་། ཉེ་ཆར་ཕོ་བྲང་དཀར་པོའི་སློབ་སྟོན་པ་དང་སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱི་བུ་མོའི་མག་པ། ཇཱེ་རི་ཁུ་ཤི་ནར་གྱི་སྲིང་མོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཧྲང་ཧེ་གྲོང་ཁྱེར་ལ་སོང་སྟེ། ཁོ་མོས་རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཁུ་ཤི་ནར་ཁྱིམ་ཚང་གི་ས་ཁང་ཚོང་ལས་ལ་མ་རྩ་བཙུགས་ལ་དགེ་མཚན་ཡོད། ངའི་ཕུ་བོ་སྲིད་འཛིན་ཌོ་ནལ་ཊོམ་གྱི་བུ་མོའི་མག་པ་དང་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཡིན་ཞེས་དྲིལ་བསྒྲགས་བྱས་ཡོད་པ་དང་། སྔོན་ཆད་ཌོ་ནོལ་ཁྲ་རམ་གྱིས་ཕྱི་རྒྱལ་བ་མ་རྩ་འཛུགས་མཁན་ཚོར་ཨ་རིའི་གཞུང་གིས་ཐོངས་མཆན་སྤྲོད་ཀྱི་ཡོད་པར་འགྱུར་བ་གཏོང་དགོས་ཞེས་ནན་བརྗོད་བྱས་མྱོང་ཡོད་རུང་། ད་སྔ་ཨ་རིའི་གཞུང་གིས་ཕྱི་རྒྱལ་གྱི་མ་རྩ་འཛུགས་མཁན་ཚོར་ཐོངས་མཆན་སྤྲོད་ཕྱོགས་དེར་འགྱུར་བ་བཏང་མེད་པ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་དང་སྲིད་དོན་པ་མང་པོ་ཞིག་གིས་ཨ་མི་རི་ཀའི་སྤྱི་དམངས་ཀྱི་ཐོབ་ཐང་ཚོང་རྫས་ལྟ་བུ་ཞིག་ལ་གྱུར་འདུག་ཅེས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG