ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འགན་འཁུར་ལེན་རྒྱུ་གལ་ཆེ་ཡིན་པ་ནན་བརྗོད།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་རེགྶ་ ཊི་ལར་སཱན་གྱིས་ ཨ་མི་རི་ཀས་རྒྱལ་ཁབ་གཞན་དང་འབྲེལ་བ་བྱེད་པའི་སྐབས་ རང་གིས་རྩ་ཆེར་ངོས་འཛིན་བྱེད་པའི་གནད་དོན་ཁག་གཙོ་བཟུང་གི་ཐོག་ནས་འབྲེལ་བ་བྱས་པ་ཡིན་ན་ ཨ་མི་རི་ཀའི་རྒྱལ་སྲུང་གི་དམིགས་ཡུལ་གྲུབ་རྒྱུར་འགལ་རྐྱེན་འཕྲད་རྒྱུ་ཡིན་པའི་གཏམ་བཤད་གནང་ཡོད་པ་དེ་ལ་ སྲིད་དོན་ཚོགས་པ་གཉིས་ཀའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་དགག་པ་བསྐྱོན་ཏེ་ ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འགན་འཁུར་ལེན་རྒྱུ་དེ་ནི་ རྒྱལ་སྤྱིའི་སྣེ་འཁྲིད་པའི་གནས་བབས་ཀྱི་ཐོག་ནས་གྲུབ་དགོས་པའི་ལས་དོན་ཁག་གྲུབ་རྒྱུར་གལ་གནད་ཤིན་ཏུ་ཆེན་པོ་ཡིན་པ་ཙམ་མ་ཟད་ ཨ་མི་རི་ཀའི་ཁེ་ཕན་གྲུབ་རྒྱུར་ཡང་ཕན་ཐོགས་ཧ་ཅང་ཆེན་པོ་ཡིན་ཞེས་དག་ཕུད་གནང་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་ཞིག

XS
SM
MD
LG