ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བཞུགས་སྒར་དུ་ཨ་རིའི་ཆེས་མཐོའི་སྐུ་ཚབ་ལ་དགའ་བསུའི་གཞུང་འབྲེལ་མཛད་སྒོ་གནང་བ།


སྤྱི་ལོ་༢༠༡༧ ཟླ་ ༥ ཚེས་ ༡༠དང་རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་གཞུང་འབྲེལ་མཛད་སྒོ་གནང་བ་དང་མཛད་སྒོའི་ཐོག་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་མགྲོན་གཙོ་བོ་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ལྕམ་ནེན་སི་པེ་ལོ་སི་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་སོགས་ནས་གལ་ཆེའི་གསུང་བཤད་གནང་ཡོད་པ་རེད།

XS
SM
MD
LG