ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༼Freedon in Exile༽བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་དེ་བོད་ཡིག་ལ་ཕབ་བསྒྱུར་ཞུས་ཏེ་བོད་ཀྱི་དཔེ་མཛོད་ཁང་གིས་འདོན་སྤེལ་གནང་ཡོད་ཅིང་ དེ་ཡང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ལ་ཕེབས་ཏེ་ལོ་ངོ་༣༠ཙམ་ཞིག་ཕེབས་པའི་རྗེས་ ༡༩༩༡ ལོར་མགོན་པོ་གང་ཉིད་ཀྱི་རང་རྣམ་གཉིས་པ་ ༼བཙན་བྱོལ་ནང་གི་རང་དབང་།༽ཞེས་པ་དབྱིན་ཡིག་ཐོག་འདོན་སྤེལ་གནང་ཡོད་པ་དེ་ དེ་སྔོན་བོད་ཡིག་ལ་ཕབ་བསྒྱུར་ཐེངས་གཅིག་གནང་ཟིན་ཡོད་པ་དེའི་ཐོག་ ད་རེས་ཕབ་བསྒྱུར་གནང་ཐེངས་གཉིས་པ་དེ་གནང་སྟེ་འདོན་སྤེལ་གནང་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགྱུར་མཁོ་གཏོང་བ་ བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG