ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གི་དྲ་རྒྱའི་གསར་འགྱུར་དང་དྲ་རྒྱ་མཁོ་སྤྲོད་པར་དམ་དྲག་གསར་པ་བྱེད་འཆར།


རྒྱ་ནག་གཞུང་གིས་གཟའ་མིག་དམར་ཉིན་མོ་འཕྲིན་གཏོང་དྲ་རྒྱའི་ཐོག་གི་གསར་འགྱུར་དང་དྲ་རྒྱ་མཁོ་སྤྲོད་པ་ཚོའི་ཐོག་ལ་དམ་དྲག་དང་བཀག་འགོག་ཆེ་རུ་གཏོང་རྒྱུར་དམིགས་པའི་གཏན་འབེབས་གསར་པ་ཁག་ཅིག་གསལ་བསྒྲགས་བྱས་ཡོད་པ་དང་གཞུང་གི་གཏན་འབེབས་གསར་པ་དེ་བཞིན་ཕྱི་ཟླ་༦ པའི་ཚེས་༡ནས་ལག་ལེན་བསྟར་གྱི་ཡོད་པ་རེད་ རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་དྲ་རྒྱའི་བདག་དབང་སྲུང་སྐྱོབ་བྱེད་རྒྱུ་ནི་གལ་གནད་ཆེན་པོ་ཡིན་པ་ནན་བརྗོད་བྱེད་ཀྱི་ཡོད་པ་བཞིན་སྲིད་ཇུས་གསར་པ་དེས་གསར་འགྱུར་ཐད་སྲིད་གཞུང་གི་དོ་དམ་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུའི་ཆེད་དུ་དམིགས་ཡོད་པའི་སྐོར།

XS
SM
MD
LG