ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འབོ་རའི་ན་གཞོན་ཞིག་གི་རང་སྲེག


འབོ་རའི་ན་གཞོན་ཞིག་གི་རང་སྲེག
please wait

No media source currently available

0:00 0:00:53 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་མདོ་སྨད་འབོ་རའི་ཕྱོགས་སུ་ཁ་སང་ཚེས་༢་ཉིན་བོད་པ་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཡིན་ནའང་ད་ལྟའི་ཆར་གནས་ཚུལ་དེའི་མགོ་མཇུག་བར་གསུམ་གྱི་བྱུང་རིམ་ཆ་ཚང་ཞིག་ཤེས་རྟོགས་ཐུབ་དཀའ་བ་དང་། འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ཡོང་ཁུངས་མ་འདྲ་བ་གཉིས་ཀྱིས་བརྗོད་ན་ཁ་སང་འབོ་ར་ཡུལ་ཚོར་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་སྲེག་བཏང་བ་ངེས་གཏན་ཐུབ་རུང་། སྐབས་དེར་རྒྱ་ནག་གཞུང་གིས་ཉེན་རྟོག་པས་འཕྲལ་དུ་རང་སྲེག་པ་དེ་བཙན་འཁྱེར་བྱས་ནས་སུ་ཤི་གསོན་ཅི་ཡིན་ཤེས་རྟོགས་ཐུབ་མེད་པ་མ་ཟད། རྒྱ་གཞུང་གི་ས་གནས་ལས་བྱེད་པ་ཚོས་འབོ་ར་ཡུལ་ཚོར་གནས་ཚུལ་གང་ཡང་མ་བྱུང་བ་ལྟ་བུའི་རྣམ་པ་བསྟན་ནས་ས་ཁུལ་དེའི་བོད་མི་མང་ཆེ་བས་བོད་པ་ན་གཞོན་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད། ད་ལྟ་འབོ་རའི་ཕྱོགས་སུ་སྐད་འཕྲིན་གྱི་བརྡ་རྟགས་བཀག་པ་དང་དམག་མི་འགྲེམ་འཇོག་བྱས་ནས་ལྟ་རྟོགས་ནན་པོ་བྱེད་བཞིན་ཡོད་པས་ས་གནས་དེའི་བོད་པ་ཚོས་གནས་ཚུལ་ཞིབ་ཕྲ་ཕྱི་ལ་མཁོ་སྤྲོད་བྱ་རྒྱུ་ཁག་པོ་ཆགས་འདུག་ཅེས་ང་ཚོར་གནས་ཚུལ་འབྱོར་སོང་། རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་སྲིད་འཛིན་ས་ཁུལ་ལྟར་ན་འབོ་ར་ཡུལ་ཚོ་ནི་ཀན་སུའུ་ཞིང་ཆེན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། བསང་ཆུ་རྫོང་གི་ཁོངས་སུ་ཡོད་ཅིང་། འབོ་ར་ནི་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཡང་ཡིན། འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་འདིའི་ཞིབ་ཕྲ་ཁག་མུ་མཐུད་དུ་རྩད་གཅོད་བྱེད་བཞིན་ཡོད། །

XS
SM
MD
LG