རེས་གཟའ་མིག་དམར་གྱི་སྔ་དྲོ་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ སྐུ་ཞབས་ཇེམ་མེག་གྷར་ཝན་དང་འཐུས་མི་ལྕམ་ཨིལ་ལིན་ཎ་རོའོ་སི་རྣམ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་ནས་བོད་དོན་ཐོག་དོ་འཁུར་ཆེ་བཞེས་དགོས་པའི་སྐུལ་མ་དང་སྦྲེལ་སྲིད་འཛིན་ཁྲམ་གྱི་ཆབ་སྲིད་འཛིན་སྐྱོང་ཁང་ནས་དེ་སྔོན་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་ནས་ཡོད་པའི་སྤྱི་ལོ་༢༠༠༢ལོའི་བོད་ཀྱི་སྲིད་ཇུས་ཀྱི་ནང་དོན་ཁག་ལག་ལེན་བལྟར་དགོས་ཞེས་གསུངས་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་གནང་གི་རེད།