ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རང་གི་ཕ་བོད་ནས་བཙན་བྱོལ་ཡོང་སྟངས་ཀྱི་དངོས་བྱུང་རླུང་འཕྲིན་ལས་རིམ་ཞིག


ཀེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོ་ནང་གནས་འཁོད་རིག་རྣམ་དབང་ཁང་ལགས་ཀྱིས་༡༩༥༩ ལོར་ཁོང་གི་ཕ་ཚེ་རིང་རྡོ་རྗེ་དབང་ཁང་ལགས་བོད་ནས་འབྲུག་བརྒྱུད་རྒྱ་གར་ལ་བཙན་བྱོལ་ཡོང་སྟངས་དང་། དེ་ནས། རྒྱ་གར་ནས་ཀེ་ན་ཊར་སླེབས་སྟངས་སྐོར་གྱི་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་རླུང་འཕྲིན་ལས་རིམ་སྐར་མ་༢༧ བྱས་པ་ཞིག་བཟོས་ཡོད་པས། ལས་རིམ་འདི་ཀེ་ན་ཊའི་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་ནང་ཟླ་བ་འདིའི་ཕྱི་ཚེས་༡༨ ཉིན་རྒྱང་བསྲེང་བྱས་ཡོད་པ་རེད།

XS
SM
MD
LG