ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གི་ཐེམ་ཐོའི་ལམ་ལུགས་དང་དབུལ་ཕྱུག་གི་ཁྱད་པར།


རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་འཆར་འགོད་དཔལ་འབྱོར་ལམ་ལུགས་འོག་ཏུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐེམ་ཐོ་ཞེས་ལམ་སྲོལ་མ་འདྲ་བ་གཉིས་ཚུགས་ནས་ལོ་བཅུ་ཕྲག་འགའ་ཞིག་སོང་ཡོད་ཅིང་། ཐེམ་ཐོའི་ལམ་ལུགས་དེས་རྒྱ་ནག་གི་སྤྱི་དམངས་གང་ཞིག་རང་གི་སྐྱེས་ཡུལ་ས་གནས་དེ་ཉིད་ལ་བརྟན་པོར་བཏགས་ཏེ། ཁོ་ཚོར་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ས་ཁང་ཉོ་བ་དང་གནས་སྡོད་བྱེད་པ། ཚོང་ལས་གཉེར་པ་དང་བུ་ཕྲུག་ཚོ་གྲོང་ཁྱེར་གྱི་སློབ་གྲྭར་གཏོང་ལ་ཆོག་པའི་ཐོབ་ཐང་མེད་པ་དང་། མི་རབས་གཅིག་གི་གོང་དུ་རྒྱ་ནག་རྒྱལ་ཡོངས་ཀྱི་ས་ཁང་བརྒྱ་ཆ་༡༠༠་ཐམ་པ་གཞུང་གིས་བདག་འཛིན་བྱས་རུང་། ད་ལྟ་རྒྱ་ནག་གི་ས་ཁང་བརྒྱ་ཆ་༩༨་སྒེར་བདག་ཅན་དུ་གྱུར་ཡོད་པ་དང་། འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་དེར་རྒྱ་ནག་གི་ས་ཁང་རིན་གོང་བརྒྱ་ཆ་༧༠༠་ལྷག་ཕར་ཡོད་པས། རྒྱ་ནག་གི་རྒྱུ་དངོས་བརྒྱ་ཆ་༧༠་ཐམས་པ་ས་ཁང་གི་མ་རྩས་ཟིན་ཡོད་པ་དང་། དེར་བརྟེན་གྲོང་ཁྱེར་གྱི་ཐེམ་ཐོ་ཡོད་པའི་མི་མང་རྣམས་རྒྱ་ནག་གི་འབྱོར་ལྡན་པར་གྱུར་རུང་རྒྱ་ནག་གི་གྲོང་གསེབ་པ་ཚོར་གྲོང་ཁྱེར་གྱི་ཐེམ་ཐོ་མེད་པར་ཁེ་སང་ཆེན་པོ་ཡོད་པའི་ཚོང་ལས་དེར་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG