ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

དགའ་ལྡན་ཁྲི་པའི་སྐུ་གདུང་ཞུགས་འབུལ་འབྲས་སྤུངས་སུ་གནང་རྒྱུ་ཡིན་པ།


འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་སྐུ་གདུང་རེས་གཟའ་ཉི་མི་ཉིན་་དིལླི་ནས་དམིགས་བསལ་གནམ་གྲུ་བརྒྱུད་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ལ་གདན་འདྲེན་ཞུས་ཏེ། རེས་གཟའ་ལྷག་པའི་སྔ་དྲོ་སྐུ་གདུང་ཞུགས་འབུལ་མཛད་རྒྱུ་ཡིན་འདུག་པ་དང་། དེ་ཡང་དགའ་ལྡན་ཁྲི་པའི་ཡིག་ཚང་དགའ་ལྡན་ཁྲི་ཐོག་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེས་གསུངས་དོན་ལ། ཁྲི་རིན་པོ་ཆེའི་སྐུ་གདུང་རེས་གཟའ་ཉི་མའི་ཉིན་ཆེད་གླས་གནམ་གྲུ་བརྒྱུད་དིལླི་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་བོད་མིའི་གཞིས་ཆགས་ཉེ་ཁྲིས་ཧུཝ་ལི་གནམ་ཐང་དུ་གདན་འདྲེན་ཞུས་འདུག་པ་དང་། གནམ་ཐང་དུ་གདན་སའི་མཁན་བླ་དང་དགའ་ལྡན་ཁྲི་ཐོག་ཁང་གི་ལས་སྣེ་སོགས་གནད་ཡོད་མི་སྣས་གདན་ཞུས་རྗེས། དགའ་ལྡན་ཁྲི་ཐོག་ཁང་གུ་སྐུ་གདུང་ལ་སྲོལ་རྒྱུན་ཆོས་ཕྱོགས་ཞུ་སྒོ་ཁག་ལེགས་པར་གྲུབ་རྗེས་འབྲས་སྤུངས་བློ་གསལ་གླིང་དུ་ཁྲི་རིན་པོ་ཆེའི་བླ་བྲང་ལ་གདན་འདྲེན་ཞུས་འདུག་པ་དང་། སྐུ་གདུང་ཞུགས་འབུལ་རེས་གཟའ་ལྷག་པའི་སྔ་དྲོ་གནང་གཏན་འཁེལ་བ་བཞིན་དེའི་གོང་ཆོས་ཕྱོགས་ཀྱི་ཞུ་སྒོ་ཁག་རེས་གཟའ་ཉི་མ་ནས་འགོ་འཛུགས་ཟིན་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG