ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་མིའི་རང་དབང་གི་ཆེད་དུ་རོལ་དབྱངས་འདུ་འཛོམས་ཤིག་གནང་གི་ཡོད་པ་དེའི་དམིགས་ཡུལ།


ཨ་མི་རི་ཀའི་ལྷོ་ཕྱོགས་མངའ་སྡེ་ཀེན་ཊ་ཀི་ནང་ ཕྱི་ཟླ་༤པའི་ཚེས་༢༣ རེས་གཟའ་ཉི་མའི་དགོང་དྲོ་ བོད་དོན་ཆེད་དུ་རོལ་དབྱངས་ཀྱི་འདུ་འཛོམས་ཤིག་གནང་གི་ཡོད་པ་དང་ འདུ་འཛོམས་དེ་གོ་སྒྲིག་གནང་མཁན་མངའ་སྡེ་དེའི་གྲོང་ཁྱེར་ལུའི་ཝིལ་དུ་ཡོད་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ཚོགས་ཡིན་ཞིང་ ཆོས་ཚོགས་ཀྱི་འགན་འཛིན་དགེ་ཤེས་རབ་རྒྱལ་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་ ཐེངས་འདིའི་རོལ་དབྱངས་འདུ་འཛོམས་ཀྱི་དམིགས་ཡུལ་གཙོ་བོ་ནི་ བོད་ཀྱི་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་ཀྱི་ཐད་ རྒྱལ་སྤྱི་དང་ ཡང་སྒོས་ཨ་མི་རི་ཀའི་མི་དམངས་དང་ ལྷག་པར་དུའང་གཞོན་སྐྱེས་རྣམས་ཀྱིས་དོ་སྣང་དང་་སེམས་འཁུར་ཡོང་རྒྱུའི་ཆེད་དུ་ཡིན་ཞེས་གསུངས་ཀྱི་འདུག བོད་མིའི་རང་དབང་གི་ཆེད་དུ་རོལ་དབྱངས་འདུ་འཛོམས་ཞེས་པའི་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་མཁན་གྱི་ཁོངས་སུ་ ས་གནས་དང་ཨ་མི་རི་ཀ་རྒྱལ་ཡོངས་ལ་སྐད་གྲགས་ཡོད་པའི་རོལ་གཞས་རུ་ཁག་གསུམ་དང་ རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་བོད་མི་གླིང་བུ་གཏོང་རྒྱུར་མཁས་པ་སྐུ་ཞབས་ངག་དབང་མཁས་མཆོག་ལགས་བཅས་ཡོད་ཅིང་ རོལ་དབྱངས་འདུ་འཛོམས་འདི་ནི་ ལོ་མང་པོའི་རྗེས་སུ་ཨ་མི་རི་ཀའི་ནང་ ཡང་བསྐྱར་བོད་དོན་ཆེད་དུ་རོལ་དབྱངས་འདུ་འཛོམས་ཤིག་གོ་སྒྲིག་ཞུས་པ་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་འབྲེལ་ཡོད་རྣམས་ལ་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG