ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ཟླ་༤་ཚེས་༢༢་འདི་འཛམ་གླིང་གི་སའི་གོ་ལའི་ཉིན་མོར་སྲུང་བརྩི་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དྲ་ལས་ཚོགས་པས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་ནས་རང་བྱུང་ཁོར་ཡུག་ལ་དོན་ཕན་ལྡན་པའི་སྲུང་སྐྱོབ་བྱ་དགོས། རྒྱ་ནག་མི་དམངས་ལ་སྨྲ་བརྗོད་རང་དབང་དང་འདུ་འཛོམ་རང་དབང་། མཐུན་ཚོགས་འཛུགས་ཆོག་པའི་རང་དབང་དང་གསར་འགོད་རང་དབང་བཅས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་སྤྲོད་དགོས། དེ་ལྟར་བྱུང་ན་རྒྱ་ནག་གི་རང་བྱུང་ཁོར་ཡུག་ལ་འབག་བཙོག་ཚབས་ཆེན་བྱུང་ཡོད་པར་གདོང་ལེན་ནུས་པ་འཐོན་པ་ཞིག་བྱ་ཐུབ་པའི་རེ་བ་ཡོད། རྒྱ་ནག་གི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ཐུབ་ན་རྒྱ་ནག་མི་དམངས་ཀྱི་ལུས་ཁམས་བདེ་ཐང་ལའང་སྲུང་སྐྱོབ་བྱ་ཐུབ་པའི་དགེ་མཚན་ཡོད་ཅེས་སྙན་ཞུ་ཕུལ་འདུག

XS
SM
MD
LG