ངོ་འཕྲད་བདེ་བའི་དྲ་འབྲེལ།

དེ་རིང་ཕྱི་ཚེས་༦་དང་སང་ཉིན་ཕྱི་ཚེས་༧་གཉིས་ལ་ཨ་རིའི་སྲིད་འཛིན་ཌོ་ནོལ་ཁྲ་རམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་ཐེངས་དང་པོ་བྱས་ཏེ། ཁོ་ཚོས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གིས་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་མངའ་ཁོངས་རྒྱ་སྐྱེད་གཏོང་གི་ཡོད་པ་དང་། ད་དུང་ཐེ་ཝན་གྱི་གནད་དོན་སོགས་ལ་གྲོས་མོལ་བྱེད་ཀྱི་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་ཚོས་ཌོ་ནལ་ཊམ་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཐ་ཞན་ཡོད་པ་ཡར་རྒྱས་གཏོང་དགོས་ཞེས་བཀའ་མོལ་ནན་པོ་གནང་དགོས། འགྲོ་བ་མིའི་ཐོབ་ཐང་ནི་ཨ་མི་རི་ཀས་ཡུན་རིང་རྩ་འཛིན་བྱས་པའི་རྩ་དོན་ཞིག་ཡིན་ཞེས་འབོད་སྐུལ་ཞུས་མོད། འོན་ཀྱང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་དང་རང་དབང་ཁང་། རྒྱ་ནག་ཉམས་ཞིབ་པ་མང་དག་ཅིག་གིས་ཌོ་ནོལ་ཁྲ་རམ་གྱིས་ཚོང་ལས་དང་དཔལ་འབྱོར། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་སོགས་གཙིགས་སུ་བཟུང་སྟེ། ཁོང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་པར་གླེང་སློང་བྱ་མི་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་དང་། སྔ་ལོ་ཌོ་ནོལ་ཁྲ་རམ་སྲིད་འཛིན་འོས་མིར་ལངས་པའི་སྐབས་སུའང་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་གནས་ཚུལ་གལ་ཆེན་ཞིག་ལ་བརྩིས་ནས་གླེང་སློང་བྱས་མྱོང་མེད་པ་རེད། །

XS
SM
MD
LG