ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་རང་གི་ཁ་པར་ལ་སྲིད་འཛིན་སྔོན་མ་ཨོ་བྷ་མའི་གཞུང་གིས་ལྐོག་ཉན་བྱས་པ་ཤེས་རྟོགས་བྱུང་སོང་ཞེས་སྐྱོན་འཛུགས་བྱས་ཏེ། ཁ་སང་གཟའ་ཟླ་བའི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་གསང་བའི་ལས་དོན་ཚོགས་ཆུང་གིས་དབུས་ཞིབ་གཅོད་ལས་ཁང་གི་འགན་འཛིན་ཇཱེམ་སི་ཁོ་ནེ་གྲོས་ཚོགས་ལ་འབོད་འགུགས་བྱས་པ་དང་། ཁོང་ལ་ཌོ་ནོལ་ཁྲ་རམ་གྱིས་སྲིད་འཛིན་ཟུར་པ་ཨོ་བྷ་མར་བཙུགས་པའི་སྐྱོན་འཛུགས་དེར་ཁུངས་ལུང་ཡོད་མེད། ༢༠༡༦་གི་སྲིད་འཛིན་འོས་འདེམས་ཀྱི་སྔ་རྗེས་སུ་སྲིད་འཛིན་ཨོ་བྷ་མས་ཎིའུ་ཡོཀ་གྲོང་ཁྱེར་དུ་ཡོད་པའི་ཁྲ་རམ་ཁང་ཆེན་གྱི་ཁ་པར་ཁག་ལ་ལྐོག་ཉན་བྱ་དགོས་ཞེས་བཀའ་བཏང་ཡོད་མེད་འདྲི་ཞིབ་བྱས་ཡོད་ཅིང་། ཇཱེམ་སི་ཁོ་ནེས་སྲིད་འཛིན་ཨོ་བྷ་མའི་བཀའ་ལྟར་ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གིས་ཌོ་ནལ་ཊམ་གྱི་ཁ་པར་ཁག་ལ་ལྐོག་ཉན་བྱས་ཡོད་པ་ཁུངས་སྐྱེལ་མི་ཐུབ། ཨ་མི་རི་ཀའི་གསང་བའི་ལས་ཁང་གིས་དབྱིན་ཇིའི་གསང་བའི་ལས་ཁང་ལའང་ཌོ་ནལ་ཊམ་གྱི་ཁ་པར་ལ་ལྐོག་ཉན་བྱེད་དུ་བཅུག་པ་ར་སྤྲོད་མི་ཐུབ་ཅེས་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུའི་ཐོག་ཏུ་ལན་འདེབས་བྱས་འདུག ཡིན་ནའང་ཇཱེམ་སི་ཁོར་ནེས་སྔ་ལོ་ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་རུ་ཁག་གི་ལས་མི་རེ་ཟུང་དང་། ཨ་རུ་སུའི་གཞུང་འབྲེལ་མི་སྣ་ཚོ་ཁྲིམས་འགལ་གྱི་འབྲེལ་བ་བྱུང་ཡོད་སྲིད་པར་ཨ་རིའི་དབུས་ཞིབ་གཅོད་ལས་ཁང་གིས་ཞིབ་འཇུག་བྱེད་བཞིན་ཡོད། ཨ་རུ་སུའི་གཞུང་གིས་༢༠༡༦་ལོའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱ་ཐབས་བྱས་ཡོད། ང་ཚོར་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་རུ་ཁག་དང་ཨུ་རུ་སུའི་གཞུང་གཉིས་འབྲེལ་བ་བྱུང་ཡོད་མེད། ཁོ་ཚོ་འབྲེལ་བ་བྱུང་ཡོད་ན་འབྲེལ་བའི་ངོ་བོ་དེ་ཅི་ཞིག་ཡིན་མིན། ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་རུ་ཁག་དང་ཨུ་རུ་སུའི་སྲིད་གཞུང་གིས་༢༠༡༦་ལོའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ལ་འགྱུར་བ་གཏོང་ཐབས་བྱས་ཡོད་མེད་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱ་དགོས་པའི་ཆོག་མཆན་སྤྲད་སོང་ཞེས་བཤད་ཡོད་པ་རེད།།

XS
SM
MD
LG