ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་རྒྱལ་སྤྱིའི་ནང་པའི་ལྷན་འཛོམས་དབུ་འབྱེད་གནང་གི་ཡོད་པ།


རྒྱ་གར་རིག་གཞུང་ལྷན་ཁང་གི་གོ་སྒྲིག་ཀྱི་འོག་རིང་མིན་འདི་ཟླའི་ཚེས་༡༧ནས་༡༩བར་རྒྱ་གར་བྱང་ཕྱོགས་ཀྱི་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་རྒྱལ་སྤྱིའི་ཐེག་པ་ཆེ་ཆུང་ཐུན་མོང་གི་ལྷན་འཛོམས་ཤིག་གནང་གི་ཡོད་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གནང་བའི་ལྷན་འཛོམས་དེའི་སར་བོད་ཀྱི་གདན་ས་ཁག་ནས་དགེ་བཤེས་ལྷ་རམས་པ་ཁག་ཅིག་ཐེ་བས་ནང་པའི་བླ་ཆེན། དབུ་འཁྲིད། མཁས་དབང་། སྤྱི་ཚོགས་ཀྱི་ལས་འགུལ་བ་མང་པོ་ཕེབས་ཞུགས་གནང་གི་ཡོད་པ་སོགས་སྐོར་ལ་ལྷན་འཛོམས་དེའི་ནང་ཕེབས་ཞུགས་གནང་མཁན་དགའ་ལྡན་བྱང་རྩེའི་མཁན་པོ་བྱང་ཆུབ་ཆོས་ལྡན་ལགས་ལ་བཅར་འདྲི་ཞུས་ཏེ་ཕྱོཌ་བསྒྲིཌ་ཞུས་པའི་གནས་ཚུལ་དེ་གསན་གྱི་རེད།

XS
SM
MD
LG